ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དམག་ཕྱོགས་མི་སྣས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་བྱང་ཕྱོགས་ཀྱི་ཧྥ་ལི་ཡཱ་པུའུ་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་བདེ་འཇགས་དམག་དཔུང་གི་དམག་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་ཡོད་ལ། དྲག་ཆས་ཉེས་ཅན་བཅོ་ལྔ་བསད་ཟེར། 

ས་དེའི་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པ་ཅཱ་མཱ་ལེ་ཡིས་བཤད་རྒྱུར། ཐཱ་ལེ་པན་དྲག་ཆས་ཉེས་ཅན་གྱིས་ཧྥ་ལི་ཡཱ་པུའུ་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་ཁའེ་ཧྲ་ཨར་ས་ཁུལ་གྱི་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་བ་རེད་ཟེར། 

ཅཱ་མཱ་ལེ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་བྱེད་སྐབས་ད་རུང་བདེ་འཇགས་དམག་དཔུང་གི་དམག་མི་བཅུ་དང་དྲ་ཆས་ཉེས་ཅན་མང་བོར་རྨས་ཕོག་ཡོད་ཟེར། 

ཐཱ་ལེ་པན་གྱིས་ཐེངས་འདིའི་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པར་མ་ཟད། བདེ་འཇགས་དམག་དཔུང་གི་དམག་མི་སོ་དྲུག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཉེ་སྔོན་ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇབ་རྒོལ་ལ་ཤུགས་སྣོན་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།