ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་རྒྱལ་ཁབ་རང་གི་མཁའ་འགྲུལ་ཀུང་ཟིས་སི་རི་ཡཱའི་མཁའ་ཁོངས་བེད་སྤྱོད་བྱེད་པར་ཡང་བསྐྱར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཞིའི་ཉིན་བཤད་རྒྱུར། རྒྱལ་ཁབ་རང་གི་མཁའ་འགྲུལ་ཀུང་ཟིས་སི་རི་ཡཱའི་མཁའ་ཁོངས་བེད་སྤྱོད་བྱེད་པར་ཡང་བསྐྱར་ཆོག་མཆན་འགོད་རྒྱུ་ཐག་བཅད་ཡོད་ཟེར། 

ཅོར་ཏན་དམངས་སྤྱོད་མཁའ་འགྲུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། བཀོད་སྒྲིག་བྱས་པའི་གནམ་གྲུ་སི་རི་ཡཱའི་མཁའ་ཁོངས་བརྒྱུད་པའི་མཁའ་འགྲུལ་ཀུང་ཟིས་ཨུ་ཡོན་ལྷན་ཁང་དེ་ལ་ཉེན་ཁའི་དཔྱད་འཇོག་སྙན་ཞུ་སྤྲོད་དགོས་པར་མ་ཟད། གནམ་གྲུའི་འཕུར་ལམ་དང་མཐོ་ཚད་གསལ་བོར་བཤད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་སི་རི་ཡཱའི་རྒྱལ་ནང་གི་གནམ་གྲུ་ཐང་དང་ཁྱད་པར་དུ་ཏཱ་མཱ་ཧྲི་ཀིའི་གནམ་གྲུ་ཐང་གི་གནས་ཚུལ་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཟེར། 

ཅོར་ཏན་རྒྱལ་བོའི་མཁའ་འགྲུལ་ཀུང་ཟི་ཡིས་ཉིན་དེར་བཤད་རྒྱུར། ཀུང་ཟི་དེས་ཆོད་དོན་དེ་རྒྱུས་ལོན་བྱུང་ཡོད་ཀྱང་། མིག་སྔར་ད་རུང་གནམ་གྲུའི་འཕུར་ལམ་སོགས་ལ་འགྱུར་ལྡོག་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།