ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ཁྲའོ་ཞན་གྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གཅིག་ཉིན་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་ལ་ཁ་པར་བཏང་སྟེ། ཁྲའོ་ཞན་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཁྲའོ་ཞན་བར་འབྲེལ་འདྲིས་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་གཞོན་པ་ཕཱ་ལཱ་ཏིས་ནོའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཕིན་ཕའེ་ཨོ་དང་ཧི་ཡེ་ཐེ་ལིང་གིས་ཁ་པར་གྲོས་མོལ་བྱེད་སྐབས། ཨ་མེ་རི་ཁ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་ཁྲའོ་ཞན་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། དོན་དེའི་ཐད་ནས་མཐུན་སྦྱོར་ཟབ་མོ་བྱེད་རྒྱུ་ཁས་ལེན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཨ་མེ་རི་ཁ་དང་འཇར་པན་གྱི་མནའ་མཐུན་འབྲེལ་བར་གྲོས་བསྡུར་བྱས་པ་དང་། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཕྱོགས་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།