ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་མུ་མཐུད་དུ་རྒྱལ་སྲུང་ནུས་པ་ཇེ་མཐོར་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་རྒྱལ་སྲུང་ནུས་པ་ཇེ་མཐོར་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཁི་ལི་མུའུ་ལིན་ཕོ་བྲང་ནས་སྤེལ་བའི་མེས་རྒྱལ་ཉེན་སྲུང་མཁན་གྱི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་དམག་དཔུང་ལ་མཚོན་ཆ་གསར་བ་དང་དེང་རབས་ཅན་གྱི་བཀོད་འདོམ། འཕྲིན་གཏོང་སྒྲིག་བཅས་སྒྲིག་སྦྱོར་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ནི་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། འགན་ཁུར་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། ཨུ་རུ་སི་ཡིས་མུ་མཐུད་དུ་རྒྱལ་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དེང་རབས་ཅན་གྱི་མཚོན་ཆའི་སྟོབས་ཤུགས་མངོན་པར་བྱེད་རྒྱུ་ཡིན་ཟེར། 

ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་མཚོན་ཆའི་སྟོབས་ཤུགས་དེར་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་དང་སི་རི་ཡཱའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ལས་སྦྱོང་བརྡར་ལས་སྦྱོང་བརྡར་ཐོབ་ཡོད་པ་དང་། འཐབ་འཛིང་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ཟེར། 

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནི་སྔོན་ཆད་སུའུ་ལེན་གྱི་དམག་འཛུགས་དུས་ཆེན་ཡིན་པ་དང་། སུའུ་ལེན་ཁ་ཐོར་དུ་སོང་རྗེས་ཨུ་རུ་སི་ཡིས་དུས་ཆེན་དེ་མེས་རྒྱལ་ཉེན་སྲུང་མཁན་གྱི་ཉིན་མོར་བསྒྱུར་བ་རེད། ཨུ་རུ་སིའི་མངའ་ཁོངས་ཧྲིལ་བོར་དམག་དོན་དང་རྒྱལ་གཅེས་རིང་ལུགས་བརྗོད་སྙིང་དུ་གྱུར་བའི་འགྲེམ་སྟོན་དང་ཁྲོམ་སྐོར་བྱ་འགུལ་སྣ་ཚོགས་སྤེལ་ཏེ། གཟབ་རྒྱས་ཆེ་བའི་སྒོ་ནས་དུས་ཆེན་དེར་དགའ་སྟོན་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།