ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་པཱ་ཞིའི་བར་གྱི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་བཟུང་ཝེ་ནེ་ཙུའེ་ལཱ་དང་པཱ་ཞིའི་མཐའ་མཚམས་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་ཉིན་དེའི་ཕྱི་དྲོར་དམག་ཕྱོགས་ཀྱི་མཐོ་རིམ་བར་གྱི་གྲོས་ཚོགས་ཁྲོད་ཁྱབ་སྒྲོག་བྱས་དོན། ཝེ་ནེ་ཙུའེ་ལཱ་དང་པཱ་ཞིའི་མཐའ་མཚམས་དེ་ཁོས་མཛུབ་སྟོན་གསར་བ་སྤེལ་རག་བར་དུ་ཡོངས་སུ་བཀག་སྡོམ་བྱེད་རྒྱུུ་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་ད་རུང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་དང་ཁོ་ལོམ་པུ་ཡཱའི་མཐའ་མཚམས་བཀག་སྡོམ་བྱེད་པར་བསམ་བློ་གཏོང་བཞིན་ཡོད། ཆོད་དོན་དེ་འདྲ་སྤེལ་འདོད་མེད་ཀྱང་། བཀག་སྡོམ་བྱེད་པར་དཔྱད་འཇོག་བྱེད་བཞིན་ཡོད་ཟེར། 

མཱ་ཏུའུ་ལོ་ཡིས་ད་རུང་ཁོ་ལོམ་པུ་ཡཱའི་དམག་ཕྱོགས་ཀྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ལ་དཀྲུག་འཕེན་བྱེད་པར་རྒྱབ་སྐྱོར་བྱེད་མི་རུང་བའི་འབོད་སྐུལ་བཏང་བ་དང་། ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཏུའུ་ཁི་ཡིས་ཝེ་ནེ་ཙུའེ་ལཱའི་མཐའ་མཚམས་ས་ཁུལ་ནས་བྱུང་བའི་དྲག་ཤུགས་དོན་རྐྱེན་གང་རུང་ལ་འགན་ཁུར་དགོས་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།