ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཐུར་ཁེ་ནས་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འདི་ནི་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཐུར་ཁེའི་ཁཱ་ཨར་སི་ཞིང་ཆེན་ནས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་སྤེལ་བའི་དམག་དོན་སྦྱོང་བརྡར་གྱི་ཡུལ་དངོས་རྣམ་པ་རེད། 

ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དགུན་ཁའི་ཉིས་སྟོང་བཅུ་དགུ་ཞེས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་ཐུར་ཁེའི་ཤར་ཕྱོགས་ཀྱི་ཁཱ་ཨར་སི་ཞིང་ཆེན་དུ་སྤེལ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཚེས་བཞིའི་ཉིན་སྤེལ་མགོ་བརྩམས་པ་དང་། ཚེས་ཉེར་གཉིས་ཉིན་བར་སྤེལ་རྒྱུ་རེད། དམིགས་ཡུལ་ནི་མཉམ་འབྲེལ་འགུལ་སྐྱོད་ཀྱི་མཐུན་སྦྱོར་ཆུ་ཚད་ཇེ་མཐོར་གཏོང་བ་དང་། འཁྱག་གྲང་གི་ཆ་རྐྱེན་འོག་འཐབ་འཁྲུག་ལ་བཀོད་འདོམ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་རེད། ཁྱབ་སྒྲོག་བྱས་པའི་ཡུལ་དངོས་ཀྱི་འདྲ་པར་ལྟར་ན། དམག་དོན་སྦྱོང་བརྡར་སྤེལ་ས་དེ་ཁ་བས་ཀུན་ནས་གཡོགས་པའི་རི་ཁུལ་ཞིག་ཡིན་པ་དང་། དམག་དོན་གནམ་གྲུ་ཡིས་དམིགས་འབེན་ལ་མདེལ་ངོ་མ་གཏོང་འཕེན་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐུར་ཁེ་ཕྱོགས་ཀྱིས་བསྡོམས་པས་དམག་མི་སྟོང་གཉིས་དང་དམག་དོན་རླངས་འཁོར་བཞི་བརྒྱ། གནམ་གྲུ་བཅུ་དགུ་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས་པར་མངག་ཡོད་ཅིང་། དབྱིན་ཇི་དང་འཇར་མན། ཕཱ་ཁི་སི་ཐན། ཁཱ་ཐར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཅོ་ལྔ་ཡིས་ཀྱང་དམག་མི་མངག་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།