ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལོས་ཧྲ་མཱེ་ཡོ་རོབ་གླིང་མནའ་འབྲེལ་དུ་སོང་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས20ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་ནས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་དོན་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་གྲོས་མོལ་བྱས། 

ཟླ2པའི་ཚེས20ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡང་བསྐྱར་པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་སོང་ནས། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་དོན་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་གྲོས་མོལ་བྱས་པ་དང་། ཧུར་ཐག་སྒོས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་དབྱིན་ཇིའི་གྲོས་ཁང་ནས་གྲོས་འཆམ་འབྱུང་བའི་བྱེད་ཐབས་བརྩོན་ལེན་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།