ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཕིན་སི་ཡིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། སྔོན་ཆད་ཀྱི་ཕོ་བྲང་དཀར་པོའི་ཁྲིམས་འཛུགས་ལས་དོན་གྱི་གཙོ་འགན་ཁུར་བའི་དཔོན་པོ་ཞའོ་ཐི་ལ་རང་གི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་ཁུར་དུ་འཇུག་རྒྱུ་ཡིན་ཟེར། 

ཕིན་སི་ཡིས་ཉིན་དེར་དྲ་ཐོག་ནས་ཆོད་དོན་དེ་ཁྱབ་སྒྲོག་བྱས་པར་མ་ཟད། ཞའོ་ཐི་ཟླ་གསུམ་པའི་ནང་ཙུང་ཐུང་གཞོན་པའི་གཞུང་སྒྲུང་ཁང་དུ་ཞུགས་རྒྱུ་ཡིན་པའི་ཚུལ་བསྟན། 

ཕིན་སི་ཡིས་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་མིའི་འགན་ཁུར་སྐབས་ཞའོ་ཐི་ཡིས་ལག་རོགས་པའི་འགན་ཁུར་མྱོང་། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་རྗེས། ཞའོ་ཐི་ཕོ་བྲང་དཀར་པོའི་ཁྲིམས་འཛུགས་ལས་དོན་གྱི་གཙོ་འགན་ཁུར་བའི་དཔོན་པོར་བསྐོ་འཇོག་བྱས་ཏེ། ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་བར་གྱི་འབྲེལ་གཏུག་གི་འགན་ཁུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།