ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་དེ་ཨེ་ཙེ་ཨོ་ཕི་ཡཱ་ནས་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་དེ་ཚེས་བཅུ་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་རྩམས། གྲོས་ཚོགས་ནས་གཙོ་བོ་ཡུལ་གྱར་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་སྐམ་སར་རང་ཁྱིམ་དང་མི་འབྲལ་ཐབས་མེད་ཡིན་པའི་གནད་དོན་སྔར་བཞིན་ཚབས་ཆེན་ཡིན་ཞིང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་གནད་དོན་དེ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ཐག་གཅོད་བྱེད་པའི་ཞོར་དུ། མི་ཆོས་རིང་ལུགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཟེར། 
ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མེ་ཡི་ཚབ་ཏུ་སྐབས་གསར་བའི་ཨ་ཧྥེ་རི་ཁ་གླིང་གི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར། སེ་ཞི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་མཐུན་སྒྲིལ་གཅིག་གྱུར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུན་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། དམིགས་འབེན་གཙོ་བོ་ནི་དབུལ་ཕོངས་དང་ནད་ཡམས་སེལ་བ་དང་། སློབ་གསོ་ལེགས་བཅོས། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་སོགས་ཡིན་ལ། ཁྱད་པར་དུ་ཡུལ་གྱར་བ་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བ་དང་། སྤྱི་ཚོགས་ཕན་བདེ་འཐུས་ཚང་དུ་གཏོང་བ། བུད་མེད་དང་ན་གཞོན་ལ་དབང་ཆ་བསྩོལ་བ་སོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས། 
སྐབས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་ཚོགས་རབ་དང་རིམ་པའི་བརྗོད་སྙིང་ནི་ཡུལ་གྱར་བ་དང་། ཕྱིར་ཕ་ཡུལ་དུ་ལོག་མཁན། རྒྱལ་ནང་དུ་འཁྱམ་མྱུལ་བྱེད་མཁན་ཏེ། ཨ་ཧྥེ་རི་ཁ་གླིང་གི་ཡུལ་འཁྱམ་མི་བྱེད་ཐབས་མེད་བྱུང་བ་དག་ལ་ཡུན་རིང་གི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་པ་དེ་རེད། དེའི་ནང་ཨ་ཧྥེ་རི་ཁ་གླིང་གི་མགོ་གཙོའི་གྲོས་ཚོགས་དེ་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་སྤེལ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།