ཨར་ཅི་རི་ཡཱའི་ཙུང་ཐུང་གིས་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཁྱབ་སྒྲོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨར་ཅི་རི་ཡཱའི་ཙུང་ཐུང་པུའུ་ཐི་ཧྥེ་ལེ་ཁཱ་ཡིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་དོན། ཁོ་རང་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་ཡིན་ཟེར། 

པུའུ་ཐི་ཧྥོ་ལེ་ཁཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཁོ་རང་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ན། ཁོས་བཟོད་སྒོམ་རང་བཞིན་ཆེས་ཆེར་ལྡན་པའི་ཨུ་ཡོན་ལྷན་ཁང་ཞིག་རྩ་འཛུགས་བྱས་ཏེ། ད་ལོ་ནས་བཟུང་རྒྱལ་ཡོངས་སུ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཕྱོགས་སོ་སོའི་བཅོས་བསྒྱུར་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

དེའི་སྔོན་ཨར་ཅི་རི་ཡཱའི་མཉམ་འབྲེལ་སྲིད་འཛིན་ཏང་མི་རིགས་བཅིངས་འགྲོལ་འཐབ་ཕྱོགས་དང་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་དང་བཅས་པའི་སྲིད་ཏང་འགའ་ཡིས་པུའུ་ཐི་ཧྥེ་ལེ་ཁཱ་ཐེངས་འདིའི་འདེམ་བསྐོའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་མྱོང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།