ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དངུལ་ཁང་གིས་ཨ་ཧྥུའུ་ཧན་ལ་མེ་སྒོར་དུང་ཕྱུར་གཉིས་ལྷག་འདོན་སྤྲོད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ནོར་སྲིད་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་དངུལ་ཁང་གིས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་འདོན་སྤྲོད་བྱས་ཏེ། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ནོར་སྲིད་བློན་ཆེན་ཚབ་མ་ཧུའུ་མཱ་ཡུན་ཁཱ་ཡུག་མུས་ཀྱིས་ཚེས་དྲུག་ཉིན་འཛམ་གླིང་དངུལ་ཁང་གི་ཨ་ཧྥུའུ་ཧན་གྱི་ཅུའུ་ཀྲང་ཆའོ་ཏུའུ་ལི་དང་མཉམ་དུ་ནོར་སྲིད་ཇུས་གཞི་རབ་དང་རིམ་པ་བཀོད་ཡོད་ལ། སྤྱིའི་རིན་ཐང་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་རེད་ཟེར། 

ཧུའུ་མཱ་ཡུན་ཁཱ་ཡུག་མུས་ཀྱིས་བསྟན་དོན། ཇུས་གཞི་དེའི་དམིགས་ཡུལ་ནི་རྒྱལ་ཁབ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་སྲིད་གཞུང་གི་འགན་ནུས་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ཟེར། 

ཆའོ་ཏུའུ་ལི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ལས་ཞུགས་གོ་སྐབས་དང་སྔར་ལས་བཟང་བའི་སྤྱི་བའི་ཞབས་ཞུ་ཐོབ་པ་ནི་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཆེས་དགོས་གལ་ཆེ་བའི་དགོས་མཁོ་ཡིན་ཟེར། རོགས་སྐྱོར་གསར་བ་དེ་དག་གིས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཞབས་ཞུའི་ནུས་པར་ཤུགས་སྣོན་བྱེད་པར་རོགས་རམ་བྱེད་རྒྱུ་པར་མ་ཟད། སྒྲིག་ལུགས་བཅོས་བསྒྱུར་སོགས་བྱེད་ཐབས་ལ་བརྟེན་ནས་སྲིད་ཇུས་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།