ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་གྱི་སྔ་དྲོར་རྒྱ་གར་དབུས་ཕྱོགས་ཀྱི་ཆཱ་ཏིས་སི་ཅཱ་ཨར་པང་ནས་སྤེལ་བའི་འགུལ་སྐྱོད་ཅིག་གི་ནང་། ཉུང་མཐར་ཡང་ནཱ་སཱ་ཨར་ཕྱོགས་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཉེས་ཅན་བཅུ་བསད་ཟེར། 

བསྒྲགས་པ་ལྟར་ན། ཚེས་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། དམིགས་བསལ་འགུལ་སྐྱོད་ཚན་ཆུང་དང་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གྲུབ་པའི་དམག་དཔུང་ཞིག་གིས་ཅཱ་ཏིས་སི་ཅཱ་ཨར་པང་གི་ཅཱ་པུའུ་ཨར་ས་ཁུལ་ནས་ནཱ་སཱ་ཨར་ཕྱོགས་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། ཉེན་རྟོག་ཕྱོགས་ཀྱི་མི་སྣར་ཤི་རྨས་བྱུང་མེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།