ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་དེ་ཚེས་དྲུག་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཚོགས་མགོ་བརྩམས་པ་དང་། གྲོས་ཚོགས་ལ་ཞུགས་མཁན་ཚོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཡུལ་གྱར་བ་དང་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་། 

ཐུར་ཁེའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཡེ་ཨར་ཏི་ལེ་མུའུ་ཡིས་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ས་ཁུལ་རང་གི་རྒྱལ་ཁབ་དག་གིས་ལག་རྩལ་དང་འཕྲིན་གཏོང་། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་དགོས། ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་དེ་ཐག་གཅོད་བྱ་ཆེད། ཁོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་དགོས་ངེས་ཀྱི་ནུས་ལྡན་བྱེད་ཐབས་སྤྱོད་དགོས་པའི་སྐུལ་མ་བཏང་། 

ཐུར་ཁེའི་མིང་དུ་གྲགས་པའི་རིག་མཛོད་མཱ་ཨར་མཱ་ལཱ་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་སུའུ་ཝེ་ཨར་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། བརྒྱུད་གཅིག་ལམ་གཅིག་གི་འདོད་བློས་ས་ཁུལ་རང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 

མཱ་ཆི་ཏོན་གྱི་ཙུང་ཐུང་དབྱེ་ཝན་ནོའུ་ཧྥུའུ་ཡིས་མཐོ་རིམ་གྲོས་ཚོགས་སྟེང་ཚབ་བྱེད་ཐུབ་པའི་ནུས་ཁུངས་འཚོལ་ཞིབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བའི་གནད་དོན་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།