ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱ་རུ་དམག་མི་མངག་གཏོང་བྱས་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་གཞོན་པ་པའོ་ལི་སོ་ཧྥུའུ་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྟན་དོན། ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་སུ་ཨུ་རུ་སིའི་དམག་མི་མེད་ཟེར། པའོ་ལི་སོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་འཕེལ་རྒྱས་ལ་རྗེས་འདེད་ལྟ་ཞིབ་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེའི་སྔ་དྲོར་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་གནས་བབ་ཀྱི་ཐར་ལམ་ནི་རྒྱལ་ནང་གི་གྲོས་མོལ་རྒྱ་ཆེར་སྤེལ་བ་དེ་ཡིན་པ་དང་། ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་ཕྱོགས་ཁག་སོ་སོས་དང་ལེན་བྱེད་ཐུབ་པའི་འདུམ་འགྲིག་གྲོས་མོལ་རྐྱེན་སྲོལ་ཞིག་འཛུགས་རྩིས་ཡོད་ཟེར། 

ཀྲ་ཧཱ་ལོ་ཝ་ཡིས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ངོ་རྒོལ་བྱ་འགུལ་མུ་མཐུད་དུ་སྤེལ་བཞིན་ཡོད། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་གྲོས་མོལ་བྱེད་འདོད་ཡོད་ཀྱང་། ངོ་རྒོལ་ཕྱོགས་ཁག་གིས་དེ་ལྟར་བྱེད་འདོད་མེད་ལ། དེ་ལས་ལྡོག་སྟེ་ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་བརྒྱུད་དེ་ཝེ་ནེ་ཙུའེ་ལཱའི་ཁྲིམས་མཐུན་སྲིད་དབང་རྩ་རྫོགས་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།