ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་གྱི་གནམ་གྲུའི་གཏོང་ཐེངས་སླར་གསོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་གྲོང་ཁྱེར་ཆེན་མོ་གཉིས་པ་སུའུ་ལའེ་མན་ནེ་ཡཱ་གནམ་གྲུ་ཐང་གི་འགན་ཁུར་བས་བཤད་རྒྱུར། ཐུར་ཁེ་དང་སུའུ་ལའེ་མན་ནེ་ཡཱ་གནམ་གྲུ་ཐང་བར་གྱི་རྒྱལ་སྤྱིའི་གནམ་གྲུའི་གཏོང་ཐེངས་ཚེས་ཉེར་དྲུག་ཉིན་སླར་གསོ་བྱས་ཡོད་པ་དང་། ཐུར་ཁེ་ཡིས་སུའུ་ལའེ་མན་ནེ་ཡཱ་གནམ་གྲུ་བར་བར་གྱི་ཟླ་ངོ་བཅུ་དྲུག་རིང་གི་འཕུར་བསྐྱོད་གཏན་འགོག་བཀའ་རྒྱ་མེད་པར་བཏང་བ་ཡིན་ལ། དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་གྱི་གནམ་གྲུ་གཏོང་ཐེངས་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་སྔོན་གྱི་རྣམ་པར་སླར་གསོ་འབྱུང་བའི་རེ་བ་ཡོད་ཟེར། 

སུའུ་ལའེ་མན་ནེ་ཡཱ་གནམ་གྲུ་ཐང་གི་འགན་ཁུར་བ་ཨ་པུའུ་ཏུའུ་ལཱ་ཡིས་གསར་འགོད་པར་བཤད་རྒྱུར། ཐུར་ཁེ་སྲིད་གཞུང་གིས་སུའུ་ལའེ་མན་ནེ་ཡཱ་བར་གྱི་རྒྱལ་སྤྱིའི་གནམ་གྲུ་གཏོང་ཐེངས་ཀྱི་བཀག་རྒྱ་མེད་པར་གཏོང་རྒྱུ་ཐག་བཅད་དེ། ཐུར་ཁེའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངས་ཐོག་མ་ཉིན་དེའི་སྔ་དྲོར་འབྱོར་བ་དང་ཕྱིར་ཐུར་ཁེ་རུ་ལོག་པ་རེད་ཟེར། 

ཨ་པུའུ་ཏུའུ་ལཱ་ཡིས་བཤད་རྒྱུར། ཐུར་ཁེའི་གནམ་གྲུའི་འཕུར་བསྐྱོད་གཏན་འགོག་བཀའ་རྒྱ་ལས་སུའུ་ལའེ་མན་ནེ་ཡཱ་གནམ་གྲུ་ཐང་དུ་ཉིས་སྟོང་བཅོ་བརྒྱད་ལོར་མེ་སྒོར་ས་ཡ་ལྔ་ལྷག་གི་གྱོང་གུད་ཐེབས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།