ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་འཇར་པན་གྱི་ཞི་བདེའི་ཆིངས་ཡིག་གནད་དོན་ཐག་གཅོད་བྱེད་པར་དུས་ཚོད་ངེས་ཅན་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས་རྗེས་བསྟན་དོན། ཨུ་རུ་སི་དང་འཇར་པན་གྱི་ཞི་བདེའི་ཆིངས་ཡིག་གནད་དོན་ཐག་གཅོད་བྱེད་པར་དུས་ཡུན་རིང་བོར་བཟོད་བསྲན་ཆེན་པོས་བྱ་བ་བསྒྲུབས་ཏེ། ཕྱོགས་གཉིས་ཡིད་ཚིམས་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་འཇར་པན་ཕྱོགས་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་གནད་དོན་ཐད་ནས་ལོ་མང་བོར་གྲོས་མོལ་བྱས་ཀྱང་། ཕྱོགས་གཉིས་ཀྱིས་དུས་ཡུན་རིང་བོར་བཟོད་བསྲན་ཆེན་མོས་བྱ་བ་བསྒྲུབ་དགོས། རྒྱལ་ཁབ་གཉིས་ཀྱི་ལས་འགན་གཙོ་བོ་ནི་འབྲེལ་བ་སྲུང་འཛིན་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་རྒྱུ་དེ་ཡིན། དེའི་ཞོར་དུ་ཕྱོགས་གཉིས་ཀྱིས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་ལ་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་ཁས་ལེན་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་འཇར་པན་བར་ཞི་བདེའི་ཆིངས་ཡིག་འགོད་པར་སྤྲོ་བ་ཡོད་ཟེར། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། ཞི་བདེའི་ཆིངས་ཡིག་གནད་དོན་དེར་དཀའ་ཁག་ཆེ་ཡང་ཐག་གཅོད་བྱ་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་ཁུར་བའི་བར་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པར་དགའ་བསུ་བྱེད་པའི་ཚུལ་བསྟན་པར་མ་ཟད། ཕྱི་འབྲེལ་ལས་ཁུངས་ཀྱི་འགན་ཁུར་བས་ད་ལོའི་ཟླ་གཉིས་པར་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་རྒྱུའི་རེ་བ་བཏོན། ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་དམིགས་བསལ་འཐུས་མིས་ཀྱང་གྲོས་མོལ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་གནད་དོན་དེའི་ཐག་གཅོད་འཕེལ་རིམ་ལ་ཡར་སྐུལ་གཏོང་དགོས་ཟེར། 

ཨན་པའེ་ཅིན་སན་ཚེས་ཉེར་གཅིག་ཉིན་མའོ་སི་ཁི་རུ་འབྱོར་ནས་ཨུ་རུ་སི་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།