ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཁེ་རོ་བྱང་ངོས་ཀྱི་ཀའེ་ལུའུ་པུས་ཡུག་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གིས་མུའུ་སི་ལིན་སྤུན་ཟླའི་ཁོངས་མི་སྐོར་ཞིག་གིས་དམག་དཔུང་དང་ཉེན་རྟོག་པར་འཇབ་རྒོལ་བྱེད་རྩིས་ཡོད་པ་ཤེས་རྗེས། ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་གྱི་ཁེ་རོའི་བྱང་ངོས་ཀྱི་སྤྱི་ལེ་སོ་ལྔའི་མཚམས་སུ་ཡོད་པའི་ཨེ་ཨར་པའོ་ཡི་སྦས་སྐོང་བྱེད་ས་ཞིག་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་ལྔ་བསད་ཟེར། ཉེན་རྟོག་ཕྱོགས་ཀྱིས་ད་རུང་ཡུལ་དངོས་ནས་མཚོན་ཆ་དང་འགད་རྫས་མང་བོ་རྙེད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།