ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོའི་ཕྱི་འབྲེལ་དཔོན་པོ་དེ་ཨ་ཧྥེ་རི་ཁ་གླིང་མཚོ་ཆེན་ས་ཁུལ་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཀྲུང་གོའི་ཕྱི་འབྲེལ་དཔོན་པོ་ཞཱ་ཧོང་ཨ་ཧྥེ་རི་ཁ་གླིང་མཚོ་ཆེན་ས་ཁུལ་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་ཟེར། 

ཧཱ་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཞཱ་ཧོང་གིས་ཨར་ཅི་རི་ཡཱའི་ཅི་ནེ་ཐི་ཡི་ཚབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥེ་རི་ཁ་གླིང་མཚོ་ཆེན་ས་ཁུལ་གྱི་ཆེད་མངག་ཕོ་ཉའི་འགན་ཁུར་རྒྱུ་རེད་ཟེར། ཀུའུ་ཐི་ལོས་སི་ཡིས་ཅི་ནེ་ཐི་ཡིས་ལས་འགན་ཁུར་སྐབས་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུས། 

ཞཱ་ཧོང་ལ་ལོ་ངོ་སུམ་ཅུ་ལྷག་གི་ཕྱི་འབྲེལ་ཉམས་མྱོང་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོར་བྱ་བ་བསྒྲུབ་མྱོང་། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར། ཁོས་ཁོང་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འགན་ཁུར་མྱོང་། 

མཚོ་ཆེན་ས་ཁུལ་དེ་ཨ་ཧྥེ་རི་ཁ་གླིང་གི་དབུས་ཤར་དུ་གནས་པ་དང་། ཝེ་ཏའོ་ལེ་ཡཱ་མཚོ་དང་ཐན་ཀཱ་ནེ་ཁཱ་མཚོ། ཅི་ཝུའུ་མཚོ་སོགས་མཚོ་དང་མཚེའུའི་ཉེ་འཁོར་ས་ཁུལ་ལ་གོ་བ་དང་། རྒྱལ་ཁབ་བཅུ་ཕྲག་ལྷག་འདུས། ལོ་མང་བོའི་རིང་གི་འཐབ་འཁྲུག་ལས་མཚོ་ཆེན་ས་ཁུལ་དེ་འཛམ་གླིང་སྟེང་འཁྲུག་རྩོད་དང་ལྟོགས་སྐོམ། འགོས་ནད། ཡུལ་གྱར་བ་བཅས་གཅིག་འདུས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།