ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱིས་དབྱི་སི་རལ་ནས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་དུ་ཡོང་བའི་ཨ་མེ་རི་ཁའི་མི་ཞིག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཉིན་དེར་དབྱི་སི་རལ་ནས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་ཡོང་བའི་ཨ་མེ་རི་ཁའི་མི་ཞིག་འཛིན་བཟུང་བྱས་ཡོད་ཟེར། 

ལེ་པཱ་ནུན་དམག་ཕྱོགས་ཀྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སྐྱེས་པ་ཞིག་ཟླ་འདིའི་ཚེས་བཅོ་ལྔ་ཉིན་དབྱི་སི་རལ་ནས་ལེ་པཱ་ནུན་གྱི་མངའ་ཁོངས་སུ་ཡོང་བའི་དོགས་གཞི་ཡོད། བསྟུད་མར་སྔོག་བཤེར་བྱས་པ་ལས་ལེ་པཱ་ནུན་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཐིས་ཨར་གྲོང་ཁྱེར་ཉེ་འདབས་སུ་སྐྱེས་པ་དེ་རྙེད་ནས་འཛིན་བཟུང་བྱས། སྐྱེས་པ་དེའི་མིང་ལ་ཁི་ལིན་ཨེ་མའོ་ལི་ཞེས་སུ་འབོད་པ་དང་། ཨ་མེ་རི་ཁའི་མི་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་མའོ་ལི་ལ་ལེ་པཱ་ནུན་གྱི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གི་ལྟ་རྟོག་འོག་འདྲི་གཅོད་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཨེ་མའོ་ལིའི་ཐོབ་ཐང་དང་ཁོ་ལེ་པཱ་ནུན་དུ་ཡོང་བའི་རྒྱུ་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར། 

ལེ་པཱ་ནུན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉིན་དེར་བསྟན་དོན། གཞུང་ཚབ་ཁང་གིས་སྨྱན་བྱད་ཀྱི་འབྲེལ་ཡོད་གནས་ཚུལ་མཐོང་ཡོད་པ་དང་། དགོས་ངེས་ཀྱི་རོགས་འདེགས་གང་རུང་བྱས་ཆོག་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།