ཀྲུང་གོ་བོད་ཀྱི་དྲ་བ།

གྲུ་གཟིངས་ཤིག་ཐུར་ཁེའི་མཚོ་ནག་མཚོ་ཁོངས་ནས་རྒྱ་མཚོར་ནུབ་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པོའི་ཚེས7ཉིན། ཐུར་ཁེའི་སཱ་མུའུ་སུང་། རྒུད་སྐྱོབ་མི་སྣས་གྱེན་འཕུར་གནམ་གྲུ་བཀོལ་ནས་རྨས་མ་སྐྱེལ་འདྲེན་བྱེད་རྩིས་ཡོད། 

ཐུར་ཁེའི་སཱ་མུའུ་སུང་ཞིང་ཆེན་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཕཱ་ནཱ་མཱའི་དངོས་ཟོང་གྲུ་གཟིངས་ཤིག་ཚེས་བདུན་ཉིན་ཐུར་ཁེའི་བྱང་ཕྱོགས་ཀྱི་མཚོ་ནག་མཚོ་ཁོངས་ནས་རྒྱ་མཚོར་ནུབ་པ་དང་། གྲུ་བ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

ཐུར་ཁེའི་ནང་སྲིད་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། རྒྱ་མཚོར་ནུབ་པའི་གྲུ་གཟིངས་དེའི་སྟེང་བསྡོམས་པས་གྲུ་བ་བཅུ་གསུམ་ཡོད་པ་དང་། གྲུ་གཟིངས་དེ་སཱ་མུའུ་སུང་ཞིང་ཆེན་གྱི་མཚོ་འགྲམ་དང་མཚོ་ལེ་དོན་བདུན་ཡོད་པའི་མཚམས་སུ་རྒྱ་མཚོར་ནུབ་པ་རེད། ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་ཉེན་སྐྱོབ་ཁ་པར་འབྱོར་རྗེས། གྲུ་གཟིངས་དང་གྱེན་འཕུར་གནམ་གྲུ་མངག་ནས་མཚོ་ཐོག་ཏུ་སྔོག་བཤེར་བྱས་པ་དང་། གྲུ་བ་བདུན་བདེ་བླག་ངང་བསྐྱབས་པ་རེད། 

བསྒྲགས་པ་ལྟར་ན། དངོས་ཟོང་གྲུ་གཟིངས་དེ་ཨུ་རུ་སིའི་ཡཱ་སུའུ་མཚོ་མོའི་གྲུ་ཁ་ནས་ཐུར་ཁེའི་སཱ་མུའུ་སུང་དུ་བགྲོད་རྩིས་ཡོད་པ་རེད། ཨུ་རུ་སི་ནས་བསྒྲགས་པ་ལྟར་ན། གྲུ་གཟིངས་སྟེང་དུ་བསྡོམས་པས་ཝུའུ་ཁི་ལན་གྱི་གྲུ་བ་བཅུ་ཅགིག་དང་ཨ་སེད་པེད་ཅང་གི་གྲུ་བ་གཉིས་ཡོད་ཟེར། 

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།