ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཁུན་ཐཱ་ཅི་ཀྲིག་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཁུན་ཐཱ་ཅི་ཀྲིག་ལེ་ཁི་ཞིན་ཏོན་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཉིན་དེར་ས་ཁུལ་དེ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་ཞོགར་པའི་དུས་ཚོད་གཉིས་དང་ཕྱེད་ཀ་ཡས་མས་སུ། རླངས་འཁོར་ཆུང་བ་གཉིས་ལེ་ཁི་ཞིན་ཏོན་གྲོང་ཁྱེར་མངའ་ཁོངས་ཀྱི་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། རླངས་འཁོར་གཅིག་མེར་འབར་བ་དང་། རླངས་འཁོར་དེ་གཉིས་ལས་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།