ཀྲུང་གོ་བོད་ཀྱི་དྲ་བ།

ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་དམ་བཅའ་བཞག་སྟེ་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181217092902flAk.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀི་ལུའུ་ཅི་ཡཱའི་ཤར་ཕྱོགས་གྲོང་ཁྱེར་ཐེ་ལཱ་ཝེ་ནས། ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། 

20181217092924JnFG.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀི་ལུའུ་ཅི་ཡཱའི་ཤར་ཕྱོགས་གྲོང་ཁྱེར་ཐེ་ལཱ་ཝེ་ནས། ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ལུའུ་ཅི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་ཚེས་བཅུ་དྲུག་ཉིན་ཀི་ལུའུ་ཅི་ཡཱའི་ཤར་ཕྱོགས་གྲོང་ཁྱེར་ཐེ་ལཱ་ཝེ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་ཏེ། ཀི་ལུའུ་ཅི་ཡཱ་རང་བཙན་བྱས་རྗེས་ཀྱི་བུད་མེད་ཙུང་ཐུང་ཐོག་མར་གྱུར། 

ཉིན་དེའི་ཕྱི་དྲོར་སྤེལ་བའི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་། ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་ཐོག་མར་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་བཞག་པ་དང་། དེའི་རྗེས་སུ་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། རང་ཉིད་ཀྱི་བྱ་བའི་ཁ་ཕྱོགས་གཙོ་བོ་རྒྱས་བཤད་བྱས། 

ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་བཤད་རྒྱུར། ཁོ་མོས་ལས་འགན་ཁུར་རྗེས་ཀྱི་བྱ་བའི་གཙོ་གནད་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། དེ་མིན་རྒྱལ་ཁབ་དེ་ཡོ་རོབ་གླིང་དང་འདྲེས་པའི་བགྲོད་ལམ་དུ་ཞུགས་ནས་མུ་མཐུད་དུ་མདུན་བསྐྱོད་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར། 

ཙུའུ་ལཱ་པུས་ཧྲི་ཝེ་ལེ་ནི་གཅིག་སྟོང་དགུ་བརྒྱ་ང་གཉིས་ལོར་ཧྥ་རན་སི་ནས་སྐྱེས་པ་དང་། ཉིས་སྟོང་བཞི་ལོ་ནས་ཉིས་སྟོང་ལྔ་ལོའི་བར་ཀི་ལུའུ་ཅི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་མྱོང་། 

ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་པའི་མཇུག་མཐའི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ཙུའུ་ལཱ་པུས་ཧྲི་ཝེ་ལེ་ལ་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་རྒྱལ་ཁ་ཐོབ་པ་རེད། ཁོ་མོར་བརྒྱ་ཆའི་ང་དགུ་དང་གྲངས་ཆུང་ལྔ་གཉིས་ཀྱི་འདེམ་ཤོག་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།