ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་སྲིད་འཛིན་ལྟེ་གནས་དེ་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རུ་སྤར་དུ་བཅུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གསུམ་ཉིན་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། ཨུ་རུ་སིའི་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་སྲིད་འཛིན་ལྟེ་གནས་དེ་ཧཱ་པཱ་ལོ་ཧྥུའུ་སི་ཁི་ནས་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རུ་གནས་སྤར་དུ་བཅུག 

ཨུ་རུ་སིའི་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་བསྡོམས་པས་མཚོ་འགྲམ་ས་ཁུལ་དང་ཧཱ་པཱ་ལོ་ཧྥུའུ་སི་ཁི་ས་ཁུལ་འདུས་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་ཁུལ་བཅུ་གཅིག་འདུས་པ་རེད། ཧཱ་པཱ་ལོ་ཧྥུའུ་སི་ཁི་ནི་ཧཱ་པཱ་ལོ་ཧྥུའུ་སི་ཁི་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནི་མཚོ་འགྲམ་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་རེད། 

ཨུ་རུ་སིའི་མཚོ་འགྲམ་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚབ་མ་ཁི་རི་མུས་ཡཱ་ཁི་ཡིས་ཟླ་བཅུ་བའི་ཟླ་མགོར་བསྟན་དོན། ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ཡིས་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད་པའི་ཚུལ་བསྟན། ཁོས་ཡོན་ཏུང་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་སྲིད་འཛིན་ལྟེ་གནས་དེ་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་རུ་གནས་སྤར་དགོས་པའི་གྲོས་གཞི་བཏོན། 

ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་སྲིད་གཞུང་གིས་ཡོན་ཏུང་གསར་སྤེལ་གྱི་འཐབ་ཇུས་ལག་བསྟར་གང་ལེགས་བྱས་ཤིང་། ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁིའི་རང་དབང་གྲུ་ཁ་དང་མངའ་ཁོངས་བརྒལ་བའི་གསར་སྤེལ་ས་ཁུལ་རབ་དང་རིམ་པ་འཛུགས་སྐྲུན་བྱས་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་དངུལ་གཏོང་ནང་འགུག་བྱས་ཏེ། ཡོན་ཏུང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ཡར་སྐུལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།