ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཆཱ་པཱ་ཧཱ་ཨར་གྲུ་ཁ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཤར་ལྷོའི་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཆཱ་པཱ་ཧཱ་ཨར་ནས་ཚེས་དྲུག་ཉིན་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཉིན་དེའི་སྔ་དྲོར། འཇིགས་སྐུལ་ཉེས་ཅན་གྱིས་རླངས་འཁོར་ཞིག་བསྐོར་ནས་ཆཱ་པཱ་ཧཱ་ཨར་གྲུ་ཁའི་ཉེན་རྟོག་ཅུའུ་རུ་འཛུལ་རྩིས་བྱས་པ་དང་། ཉེན་རྟོག་ཅུའུ་ཡི་སྒོ་ཁ་ནས་ཉེན་སྲུང་མཁན་གྱིས་འགོག་སྐབས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་སྤེལ་བ་རེད། 
བསྒྲགས་པའི་གནས་ཚུལ་ལས། འཇིགས་སྐུལ་ཉེས་ཅན་གྱི་ཁ་གྲངས་དང་རྐྱེན་ལམ་དུ་ཤོར་བའི་མི་གསུམ་པའི་ཐོབ་ཐང་སོགས་གསལ་བོར་བསྒྲགས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།