ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་འགུལ་སྐྱོད་ཀྱིས་ནག་ཕྱོགས་ཏང་གི་ཁོངས་མི་བརྒྱད་ཅུ་ལྷག་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཉེས་དོན་ཉེན་རྟོག་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ཁྲིམས་འཛིན་མཉམ་ལས་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཧི་ལན་དང་དབྱི་ཐཱ་ལེ། འཇར་མན། པུ་ལི་ཧྲི། ལུའུ་སིན་པའོ་བཅས་རྒྱལ་ཁབ་ལྔ་ཡིས་ཉིན་དེར་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། དབྱི་ཐཱ་ལེའི་ནག་ཕྱོགས་ཏང་གི་ནག་ཉེས་ཚོགས་ཁག་གི་ཁོངས་མི་བརྒྱད་ཅུ་ལྷག་འཛིན་བཟུང་བྱས། དེ་ནི་ད་ལྟའི་བར་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་རྩ་འཛུགས་ཡོད་པའི་ནག་ཉེས་ཚོགས་ཁག་ལ་དམིགས་ཏེ་སྤྱད་པའི་གཞི་རྒྱ་ཆེས་ཆེ་བའི་མཉམ་འབྲེལ་འགུལ་སྐྱོད་ཅིག་རེད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཧེ་མའོ་ཐི་ཡིས་མཚམས་སྦྱོར་བྱས་དོན། ཚེས་ལྔ་ཉིན་གྱི་ཞོགས་པར། རྒྱལ་ཁབ་ལྔའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་ཐཱ་ལེའི་ནག་ཕྱོགས་ཏང་རྩ་འཛུགས་ཀྱི་སྡོད་གནས་དང་འབྲེལ་བ་ཡོད་པའི་གནས་སུ་འཛིན་བཟུང་འགུལ་སྐྱོད་སྤེལ་ཏེ། ཉིན་དེའི་ཉིན་གུང་བར་མི་གྱ་བཞི་འཛིན་བཟུང་བྱས། དེའི་ནང་མགོ་བ་རེ་འགའ་ཡོད་པ་དང་། ཁི་ཁཱ་ཡུན་སྤྱི་རྒྱ་སྟོང་བཞི་ལྷག་དང་ནག་ཉེས་རྒྱུ་ནོར་མང་བོ་རྩད་ཆོད། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་འབྲེལ་ཡོད་རྟོག་ཞིབ་དང་འཛིན་བཟུང་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་རེད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།