ཨ་མེ་རི་ཁས་ཉིན་དྲུག་ཅུའི་རྗེས་སུ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་བཞིའི་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། ཨུ་རུ་སི་ཡིས་ཕྱོགས་ཡོངས་ནས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་པ་སླར་གསོ་མ་བྱས་ན། ཨ་མེ་རི་ཁས་ཉིན་དྲུག་ཅུའི་རྗེས་སུ་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

ཕིན་ཕའེ་ཨོ་ཡིས་ཉིན་དེར་པུའུ་ལུའུ་སེར་དུ་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། ཨུ་རུ་སི་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་དང་འགལ་ཡོད། ཨུ་རུ་སི་ཡིས་ཉམས་སད་ཐེག་པའི་སྒོ་ནས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་པ་སླར་གསོ་མ་བྱས་ན། ཨ་མེ་རི་ཁས་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནས་བཟུང་ཉིན་དྲུག་ཅུའི་རྗེས་སུ་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན། ཉིན་དྲུག་ཅུའི་ནང་། ཨ་མེ་རི་ཁས་ཆིངས་ཡིག་དེ་ལས་གཏན་འགོག་བྱས་པའི་འཕུར་མདའ་ཐོན་སྐྱེད་དང་ཚོད་ལྟ། བཀོད་སྒྲིག་བཅས་བྱེད་མི་སྲིད་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཞིའི་ཉིན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གཅིག་གྱུར་སྒོས་བལྟས་ན། ཨུ་རུ་སི་ཡིས་སྐམ་སའི་སྐོར་ཞིབ་འཕུར་མདའ་གསར་སྤེལ་ཞིབ་འཇུག་བྱས་པ་དེ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་དང་འགལ་ཡོད་ཟེར། 

ཨ་མེ་རི་ཁ་ཕྱོགས་ཀྱིས་ཚེས་བཞིའི་ཉིན་བསྟན་པའི་རྣམ་འགྱུར་ལ་དམིགས་ཏེ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ནམ་རྒྱུན་བློ་བརྟན་འགྱུར་མེད་ཀྱིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་བཞིན་ཡོད་ལ། གནད་དོན་དེ་ཨ་མེ་རི་ཁར་ཡང་གསལ་ཆ་ཡོད་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།