དབྱི་ལིང་གི་ཙུང་ཐུང་གིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ཀྱིས་མཚོ་ཁུགས་ས་ཁུལ་གྱི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་རྒྱ་ཐེབས་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཞིའི་ཉིན་བསྟན་དོན། གལ་ཏེ་དབྱི་ལིང་གིས་ཨ་མེ་རི་ཁའི་བཀག་སྡོམ་གྱི་གནོན་ཤུགས་འོག་རྡོ་སྣུམ་ཕྱིར་གཏོང་བྱེད་ཐབས་མེད་ན། མཚོ་ཁུགས་ས་ཁུལ་གྱི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་རྒྱ་ཐེབས་སྲིད་ཟེར། 

བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཉིན་དེར་དབྱི་ལིང་བྱང་ཕྱོགས་ཀྱི་སེ་མུའུ་ནན་ཞིང་ཆེན་དུ་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱི་ལིང་གིས་མུ་མཐུད་དུ་རྡོ་སྣུམ་ཕྱིར་གཏོང་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁས་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་བྱེད་པར་བཀག་འགོག་བྱེད་ཐབས་མེད་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཕྱིན་ཆད་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་མཚམས་འཇོག་རྩིས་བྱས་ན། མཚོ་ཁུགས་ས་ཁུལ་གྱི་རྡོ་སྣུམ་ཡོད་ཚད་ཕྱིར་གཏོང་བྱེད་ཐབས་མེད་ཟེར། །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།