ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་སེ་དྲག་ཆས་འཐུས་ཚབ་ཚོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉའི་འགྲོ་རོགས་འོག་སུའེ་ཏེན་དུ་ཆས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པ་ཚེས་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡི་འགྲོ་རོགས་འོག རྒྱལ་ས་སཱ་ནཱ་ནས་ལམ་དུ་ཆས་ཏེ། སུའེ་ཏེན་དུ་ཞི་བའི་གྲོས་མོལ་ལ་ཞུགས་པར་སོང་། 

ཉིན་དེར་ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པ་ཀི་ལི་ཧྥེ་སི་ཡི་འགྲོ་རོགས་འོག ཁི་ཝེ་ཐིའི་མཚོན་རྟགས་ཡོད་པའི་གནམ་གྲུའི་ནང་བུད་པ་དང་། གནམ་གྲུ་དེ་སཱ་ནཱ་དང་ཁ་བྲལ། 

ཀི་ལི་ཧྥེ་སི་ཚེས་གསུམ་ཉིན་སཱ་ནཱ་རུ་འབྱོར་བ་རེད། ཧུའུ་སེ་དྲག་ཆས་པའི་སྨྱན་བྱད་ལས་དོན་གྱི་འགན་ཁུར་བའི་ཁོངས་མི་སཱ་ལི་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ཀི་ལི་ཧྥེ་སི་ཡི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་སུའེ་ཏེན་དུ་འགྲོ་བའི་ཆེད་ཡིན་པ་དང་། ཧུའུ་སེ་དྲག་ཆས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་ལ། འཐུས་ཚབ་ཚོགས་པ་བདེ་འཇགས་ཀྱིས་ལམ་དུ་ཆས་ཏེ་བདེ་འཇགས་ངང་ཕྱིར་སཱ་ནཱ་རུ་འབྱོར་བར་ཁག་ཐེག་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།