ཀོ་རི་ཡ་ལྷོ་མའི་མཁའ་དམག་གིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀོ་རི་ཡ་ལྷོ་མའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། ཀོ་རི་ཡ་ལྷོ་མའི་མཁའ་དམག་གིས་ཚེས་གསུམ་ཉིན་ནས་ཚེས་བདུན་ཉིན་བར་ཉིན་ལྔའི་རིང་མཁའ་དམག་གི་དམག་དོན་སྦྱོང་བརྡར་སྤེལ་ཏེ། འགོར་འགྱངས་བྱས་པའི་ཚབ་མིང་ལ་དོགས་ཟོན་ཆེན་མོ་ཞེས་པའི་ཀོ་རི་ཡ་ལྷོ་མ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་ཚབ་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་ཇུས་འདོན་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཀོ་རི་ཡ་ལྷོ་མའི་མཁའ་དམག་གཅིག་པུས་སྦྱོང་བརྡར་བྱེད་པ་གཙོ་ཡིན་ལ། དམིགས་ཡུལ་ནི་ཀོ་རི་ཡ་ལྷོ་མའི་མཁའ་དམག་གི་འཐབ་འཛིང་གྲ་སྒྲིག་རྣམ་པ་སྲུང་འཛིན་བྱེད་པ་དང་། འཐབ་འཛིང་གནམ་གྲུའི་འཕུར་སྐྱོད་པའི་ལས་འགན་ལག་བསྟར་ནུས་པར་སྦྱོང་བརྡར་བྱེད་པའི་ཆེད་ཡིན་ལ། དམག་དོན་སྦྱོང་བརྡར་གྱི་གཞི་རྒྱའི་འཆར་གཞི་སྔོན་ཆད་ལས་ཅུང་ཇེ་ཆུང་དུ་བཏང་ཡོད་ཟེར། 

དེའི་ཞོར་དུ་ཀོ་རི་ཡ་ལྷོ་མ་དང་ཨ་མེ་རི་ཁས་གཞི་རྒྱ་ཆུང་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་ཏེ། འཕུར་སྐྱོད་པའི་འཐབ་འཛིང་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། 

མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་དང་ནང་དོན་བྱེ་བྲག་ཏུ་གསལ་བཤད་བྱས་མེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།