ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙེམ་པབ་ཝེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ས་དེའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཙེམ་པབ་ཝེའི་ཤར་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར། 

འགྲིམ་འགྲུལ་དོན་རྐྱེན་དེ་མཱ་ནེ་ཁཱ་ལན་ཞིང་ཆེན་གྱི་ཆི་ཕེན་ཅི་ས་ཁུལ་གྱི་གཞུང་ལམ་སྟེང་བྱུང་། ས་དེའི་དཔོན་རིགས་ཀྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། མངར་ཤིང་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་རླངས་འཁོར་གཞན་པའི་སྔོན་དུ་འབུད་སྐབས་ཁ་གཏད་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད་ཟེར། མིག་སྔར་རྨས་ཕོག་པའི་འགྲུལ་བ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།