ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་དམག་དཔུང་གིས་ཁྲིམས་འགལ་དྲག་ཆས་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་སྡེ་ཁག་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་དམག་དཔུང་གིས་ཤར་ཕྱོགས་ཀྱི་ཏཱ་ཨིན་ཀུའུ་ཨར་མཱ་ཞིང་ཆེན་ནས་ཁྲིམས་འགལ་དྲག་ཆས་ཉེས་ཅན་དྲུག་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་སྔ་དྲོར། བདེ་འཇགས་དམག་དཔུང་གིས་སྐོར་གཡེང་བྱེད་སྐབས་ཁྲིམས་འགལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས། ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་སྟེ། ཁྲིམས་འགལ་དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། བདེ་འཇགས་དམག་དཔུང་གི་དམག་མི་གཅིག་ལ་རྨས་ཕོག་པར་མ་ཟད་རླངས་འཁོར་ཞིག་ལ་གཏོར་བརླག་ཐེབས་ཟེར། 
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།