ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཕའེ་སི་ཡིས་དམ་བཅའ་བཞག་སྟེ་མའོ་ཞི་ཁོའི་ཙུང་ཐུང་གི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོའི་གསར་དུ་འགན་ཁུར་བའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཚེས་གཅིག་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བར་མ་ཟད། ལས་འགན་ཁུར་བའི་གཏམ་བཤད་སྤེལ། 

ཉིན་དེའི་སྔ་དྲོར། ཙུང་ཐུང་གི་དབང་ཤུགས་བརྒྱུད་སྤྲོད་མཛད་སྒོ་དེ་མའོ་ཞི་ཁོའི་དམངས་གྲོས་ཁང་ནས་སྤེལ། ལོ་ཕའེ་སི་ཡིས་སྔོན་ཆད་ཀྱི་ཙུང་ཐུང་ཕའེ་ནེ་ཡཱ་ཡི་ལག་ནས་སྐགས་ཆིངས་བླངས་བ་དང་། དམ་བཅའ་བཞག་སྟེ་མའོ་ཞི་ཁོའི་ཙུང་ཐུང་གི་འགན་ཁུར་ལ། འགན་ཡུན་ལོ་དྲུག་རེད། དེའི་རྗེས་སུ་ལོ་ཕའེ་སི་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། འགྲན་རྩོད་སྐབས་ཀྱི་དམ་བཅའ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མཐའ་འཁོབ་མི་ཚོགས་ཀྱི་སྨན་བཅོས་ལས་གཞི་དང་། སློབ་མའི་བྱ་དགའི་མ་དངུལ། རྒན་པ་དང་དབང་བོ་སྐྱོན་ཅན་གྱི་རྒྱབ་སྐྱོར་འཆར་གཞི། གཞུང་བཙུགས་སློབ་ཆེན་བརྒྱ་གསར་འཛུགས་བྱེད་པ་སོགས་འདུས་ཡོད། ཁོས་ད་རུང་ནུས་ཁུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ཡང་གླེང་། 

མའོ་ཞི་ཁོའི་ཙུང་ཐུང་ནི་ཐད་ཀར་དུ་ཡོངས་ཁྱབ་འདེམ་བསྐོ་བྱས་ནས་བདམས་ཐོན་བྱེད་པ་ཡིན་ཞིང་། འགན་ཡུན་ལོ་དྲུག་རེད། ཚེ་གང་བོར་ཡང་བསྐྱར་འགན་ཁུར་མི་རུང་། འདེམ་བསྐོའི་འཕེལ་རིམ་ཁྲོད་འདེམ་ཤོག་འཕེན་པའི་བྱ་འགུལ་ཐེངས་གཅིག་སྤེལ་བ་དང་། ཁ་གྲངས་མང་བོ་ཐོབ་པའི་འདེམ་སྒུག་མི་སྣར་རྒྱལ་ཁ་ཐོབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།