ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་གིས་སྔར་ལས་ལྷག་པའི་སྒོ་ནས་སོ་ཏི་ཨ་རབ་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་ཉེར་བདུན་ཉིན་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨེ་ཅིབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སོ་ཏི་ཨ་རབ་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

ཨེ་ཅིབ་ཀྱི་ཙུང་ཐུང་གི་མགྲིན་ཚབ་པས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་མིག་སྔའི་ཨེ་ཅིབ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁས་ལེན་བྱས་པ་དང་། ཨེ་ཅིབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སོ་ཏི་ཨ་རབ་བར་གྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

སེ་ཞི་ཡིས་བཤད་རྒྱུར། ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱི་ཆུ་ཚད་མཐོ་བའི་མཐུན་སྦྱོར་སྲུང་འཛིན་བྱས་ནས། དབུས་ཤར་ས་ཁུལ་གྱི་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 
ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། སེ་ཞི་ཡིས་ཉིན་དེར་ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་ནས་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཨེ་ཅིབ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།