ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུ་པཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཉེ་སྔོན་ཁུ་པཱའི་ཚོགས་ཁག་ཉེར་དྲུག་གལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་ནི་བརྙས་བཅོས་ཀྱི་ཆོད་དོན་ཞིག་ཡིན་པ་དང་། དཔལ་འབྱོར་ཐད་ནས་ཁུ་པཱར་ཕམ་ཉེས་བཟོ་འདོད་པ་རེད་ཟེར།
ཁུ་པཱའི་ཕྱི་འབྲེལ་པུའུ་ཡི་ཨ་མེ་རི་ཁའི་ལས་དོན་ཁྲུའུ་ཡི་ཀྲུའུ་རིན་ཁི་ཞི་ཨོ་ཡིས་གསལ་སྒྲོག་ནང་བསྟན་དོན། བཀག་སྡོམ་དེར་གཞི་འཛིན་ས་ཅི་ཡང་མེད་པ་དང་། དེའི་ངོ་བོ་ནི་མུ་མཐུད་དུ་ཁུ་པཱའི་བཀག་སྡོམ་ཇེ་དམ་དུ་བཏང་སྟེ། དཔལ་འབྱོར་ཐད་ནས་ཁུ་པཱར་ཕམ་ཉེས་བཟོ་འདོད་པ་རེད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་བཞིའི་ཉིན་ཁུ་པཱའི་ཚོགས་ཁག་ཉེར་དྲུག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། བཀག་སྡོམ་དེ་ཚེས་བཅོ་ལྔ་ཉིན་ནུས་ལྡན་དུ་གྱུར། ཨ་མེ་རི་ཁའི་སྤྱི་དམངས་དང་ཁེ་ལས་ཀྱིས་བཀག་སྡོམ་ཐེབས་པའི་ཚོགས་ཁག་བར་ཐད་ཀར་གྱི་དངུལ་ལོར་ཉོ་ཚོང་བྱེད་པར་གཏན་འགོག་བྱས་ཡོད།