ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་འཇབ་རྒོལ་ལས་ཉུང་མཐར་ཡང་སི་རི་ཡཱའི་མི་སེར་དཀྱུས་མ་བཞི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་ཤར་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་སི་རི་ཡཱའི་མི་སེར་དཀྱུས་མ་བཞི་བཅུ་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་མནའ་འབྲེལ་གྱི་འཐབ་འཛིང་གནམ་གྲུས་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཧཱ་ཅིན་གྲོང་རྡལ་ཉེ་འདབས་ཀྱི་སྡེ་བ་མང་བོར་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཞི་བཅུ་རྐྱེན་ལམ་དུ་ཤོར། རྨས་མ་མང་ཆེ་བ་ཞིག་རོའི་འོག་ཏུ་མནན་ཡོད་པ་དང་། རྒུད་སྐྱོབ་མི་སྣ་འཇབ་རྒོལ་ཐེབས་སར་འབྱོར་དཀའ་བས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད། 

སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་མནའ་འབྲེལ་གྱི་ཚེས་བཅུ་བདུན་ཉིན་གྱི་བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་མེད་དང་བྱིས་པ་ཉེར་དགུ་འདུས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།