ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྐབས་བཅུ་གཅིག་པ་ནས་ཨ་ཧྥེ་རི་ཁ་གླིང་གི་བཅོས་བསྒྱུར་ལ་དོ་སྣང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྐབས་བཅུ་གཅིག་པ་ཚེས་བཅུ་བདུན་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེད་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་གནད་དོན་དེ་སྐབས་འདིའི་མཐོ་རིམ་དམིགས་བསལ་གྲོས་ཚོགས་ནས་དོ་སྣང་བྱེད་པའི་གྲོས་གཞི་གཙོ་བོར་གྱུར་འདུག 

སྐབས་འདིའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཨ་ཧྥེ་གླིང་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ། རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མེ་ཡིས་བསྟན་དོན། ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་རྒྱུ་དེ་ཡིན། ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་དང་རྒྱལ་སྤྱིའི་གནས་བབ་གང་ཡིན་ཡང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་དགོས་གལ་ཧ་ཅང་ཆེ་བར་མངོན་ཡོད་ཟེར། 
ཁཱ་ཅཱ་མེ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་གྱི་མཇུག་མཐའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁ་གླིང་སྔར་ལས་སྟོབས་ལྡན་དུ་གཏོང་བ་དང་། ཨ་ཧྥེ་རི་གླིང་གི་མི་དམངས་ལ་སེམས་ནས་འདོད་པའི་མ་འོངས་བསྐྲུན་པའི་ཆེད་དུ་ཡིན་ཟེར། ཁོས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ཐད་སྔར་བཞིན་བྱ་བ་མང་བོ་བསྒྲུབ་དགོས་པ་དང་། བཅོས་བསྒྱུར་ལ་བརྟེན་ནས་ཨ་ཧྥེ་རི་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་སྔར་ལས་ནུས་ལྡན་དུ་གཏོང་བ་སོགས་འདུས་ཡོད་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་ལི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་ནོར་སྲིད་རང་བདག་མངོན་འགྱུར་བྱེད་པ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་སྙིང་བོ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ངེས་པར་དུ་བཅོས་བསྒྱུར་གནད་དོན་དེའི་ཐད་ཀྱི་ཆབ་སྲིད་དམ་བཅའ་སྔར་ལས་གསལ་བོ་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།