ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཅི་ཨར་ཁུའུ་ཁིའི་རྡོ་སྣུམ་ཕྱིར་གཏོང་ཐད་ནས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྡོ་སྣུམ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཁབ་དེའི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་རྡོ་སྣུམ་ཕྱིར་གཏོང་ཐད་ནས་གྲོས་མཐུན་བཀོད། 

དབྱི་རག་རྡོ་སྣུམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་བཀོད་པའི་གྲོས་མཐུན་ལྟར་ན། ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱིས་ཉིན་རེར་ཐོན་སྐྱེད་བྱས་པའི་རྡོ་སྣུམ་ཟོ་ཁྲི་ལྔ་ནས་ཁྲི་བཅུ་བོ་དེ་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྣུམ་འདྲེན་སྦུག་ལམ་བརྒྱུད་དེ་ཐུར་ཁེའི་དབྱེ་ཧན་གྲུ་ཁར་བསྐྱལ་རྒྱུ་རེད་ཡིན་ཟེར། 

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མཐུན་རག་ཙམ་བཀོད་རྗེས། དབྱི་རག་གིས་ཉིན་དེར་སྣུམ་འདྲེན་སྦུག་ལམ་བརྒྱུད་དེ་རྡོ་སྣུམ་ཕྱིར་གཏོང་བྱེད་མགོ་བརྩམས། 

ཅི་ཨར་ཁུའུ་ཁི་ཞིང་ཆེན་དེ་དབྱི་རག་གི་བྱང་ཕྱོགས་ས་ཁུལ་དུ་གནས་པ་དང་། རྡོ་སྣུམ་གྱི་གསོག་ཚད་ཕུན་སུམ་ཚོགས། དུས་ཡུན་རིང་བོར་དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་བར་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་བདག་དབང་ཐད་རྩོད་གླེང་བྱུང་ཡོད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་བརྡས་ཐག་བཅད་པ་དང་། དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་དེའི་རྗེས་སུ་ཅི་ཨར་ཁུའུ་ཁི་ཞིང་ཆེན་དུ་བཅའ་སྡོད་དམག་དཔུང་མངགས་ཏེ་ཞིང་ཆེན་དེའི་སྣུམ་ཞིང་གི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ལེན་བྱས། ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཡིན་པའི་དབང་གིས་ན་ནིང་ཟླ་བཅུ་བར་ཅི་ཨར་ཁུའུ་ཁི་ཞིང་ཆེན་གྱི་རྡོ་སྣུམ་ཕྱིར་གཏོང་མཚམས་བཞག་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།