ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་མཁའ་འགྲུལ་ལས་དོན་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་བཅུ་དྲུག་ཉིན་ཁའེ་ཁྲིན་དུ་ཡོད་པའི་ཧན་གོ་དང་ཁྲའོ་ཞན་གྱི་ཐུན་མོང་འབྲེལ་གཏུག་ལས་དོན་ཁང་ནས་མཁའ་འགྲུལ་ལས་དོན་གྱི་གྲོས་ཚོགས་བསྡུས། ཁྲའོ་ཞན་ཕྱོགས་ཀྱིས་ཚོགས་ཐོག་ནས་ཁྲའོ་ཞན་ཕྱེད་གླིང་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མཚོ་ཁོངས་ཀྱི་རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་གསར་འབྱེད་བྱེད་པའི་གྲོས་གཞི་བཏོན། 

ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་བལྟས་ན་དེ་ནི་ལྷོ་བྱང་བར་དུ་ཐོག་དང་པོར་མཁའ་འགྲུལ་ཁྱབ་ཁོངས་ཀྱི་གྲོས་ཚོགས་བསྡུས་པ་ཡིན་པས་དོན་སྙིང་གལ་ཆེན་ལྡན་པར་འདོད། ཁྲའོ་ཞན་གྱིས་བཏོན་པའི་རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་གསར་འབྱེད་བྱེད་པའི་བསམ་འཆར་ཐད་ནས་ཧན་གོའི་ཕྱོགས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱི་མཁའ་འགྲུལ་སྡེ་ཁག་གིས་གྲོས་མོལ་བསྡུས་ཏེ་ཞིབ་ཏུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་ཕྱོགས་ཀྱིས་ད་རུང་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་ཕྱིན་ཆད་མུ་མཐུད་དུ་མཁའ་འགྲུལ་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་སྣ་ཚོགས་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།  །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།