ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ལེ་པའོ་མན་གྱིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ལེ་པའོ་མན་གྱིས་ཚེས་བཅུ་བཞིའི་ཉིན་གྲོས་ཁང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་སྲུང་པུའུ་ཀྲང་གི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས། 

ལེ་པའོ་མན་གྱིས་བསྟན་དོན། སྲིད་གཞུང་ལ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ངོ་རྒོལ་བྱེད་པའི་སྟོབས་དང་ལྡན་པའི་འགུལ་སྐྱོད་མེད་པ་དང་། ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཧཱ་མཱ་སིའི་བར་དུས་ཡུན་རིང་བོའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་རྒྱུ་ཐག་བཅད་པ་དེ་ནི་འཇིགས་སྐུལ་བྱ་སྤྱོད་ལ་མགོ་སྒུར་བའི་བྱ་སྤྱོད་ཅིག་ཡིན་པ་རེད་ཟེར། 

པའོ་ལེ་མན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་དུས་ཡུན་རིང་བོའི་རྒྱལ་ཁབ་བདེ་འཇགས་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ལྷིང་འཇགས་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཚེས་བཅུ་བཞིའི་ཉིན་ལྷོ་ཕྱོགས་ས་ཁུལ་ནས་སྤེལ་བའི་དབྱི་སི་རལ་གྱི་ཙུང་ལི་ཐོག་མ་ཀུའུ་ལི་ཨན་གྱི་རྗེས་དྲན་མཛད་སྒོར་ཞུགས། ཁོས་མཛད་སྒོའི་སྟེང་བསྟན་དོན། ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་དང་། ཁོ་ཚོས་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་གསལ་བོར་ཤེས་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཁོས་མ་འོངས་པར་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐག་གཅོད་བྱེད་པའི་འཆར་གཞི་རྒྱས་པར་གླེང་མི་རུང་ཡང་། དབྱི་སི་རལ་མི་དམངས་ཀྱི་བདེ་འཇགས་ཆེད་དུ་ང་ཚོས་དབྱི་སི་རལ་གྱི་ཆེད་དུ་ཡང་དག་པའི་གནས་བབ་དང་ཡང་དག་པའི་དུས་ཚོད་འོག་ཆོད་དོན་འདོན་ངེས་ཡི་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།