ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་སོ་ཏི་ཨ་རབ་ཀྱིས་ཁཱ་ཧྲུའུ་ཅི་ཡི་གྱོད་དོན་དང་འབྲེལ་བའི་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

    སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གླག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ལ་ཁ་པར་གཏོང་སྐབས། སོ་ཏི་ཨ་རབ་ཀྱིས་གསར་འགོད་པ་ཁཱ་ཧྲུའུ་ཅི་ལྐོག་གསོད་ཐེབས་པའི་གྱོད་དོན་དང་འབྲེལ་བའི་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་སྐུལ་མ་བཏང་། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཕིན་ཕའེ་ཨོ་ཡིས་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་ཁཱ་ཧྲུའུ་ཅིའི་ལྐོག་གསོད་དང་འབྲེལ་བའི་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པ་དང་། སོ་ཏི་ཨ་རབ་ཀྱིས་ཀྱང་ངེས་པར་དུ་དེ་ལྟར་བསྒྲུབ་དགོས་ཟེར། 

ཡེ་མིན་གནད་དོན་ཐད་ནས་ཕིན་ཕའེ་ཨོ་ཡིས་ཕྱོགས་སོ་སོས་དགྲར་འཛིན་བྱ་སྤྱོད་མཚམས་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉའི་བར་འདུམ་འོག་མིག་སྔའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུའི་ཉིན་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཁཱ་ཧྲུའུ་ཅི་ལྐོག་གསོད་ཐེབས་པའི་གྱོད་དོན་དང་འབྲེལ་བའི་སྒྲ་ཐག་དེ་སོ་ཏི་ཨ་རབ་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ལ་སྤྲོད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།