ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་དང་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཚེས་བཅུ་གཉིས་ཉིན་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱི་ཕན་ཚུན་བར་གྱི་འབྲེལ་བ་དང་། ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་དང་ཧིན་ཐི་གཉིས་ཀྱིས་ཕན་ཚུན་བར་གྱི་མཛའ་མཐུན་མཉམ་ལས་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས་པ་དང་། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ས་ཁུལ་གྱི་གནས་བབ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གཞན་པའི་ཐད་ནས་གྲོས་བསྡུར་བྱས། 

ཧིན་ཐི་ཡིས་ཉིན་དེར་རྩོམ་ཡིག་སྤེལ་ཏེ། ཁོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔོན་རིགས་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཡེ་མིན་ཆབ་སྲིད་མི་སྣ་དང་གྲོས་མོལ་བྱེད་སྐབས། མིག་སྔའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ་ཡེ་མིན་དུ་ལྟོགས་སྐོམ་དང་ནད་ཡམས་འབྱུང་བར་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཧིན་ཐི་ཡིས་བསྟན་དོན། འབྲེལ་ཡོད་ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་ཁྲིད་པའི་ཡེ་མིན་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། 

བསྒྲགས་པ་ལྟར་ན། ཧིན་ཐི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མ་བྱས་གོང་། སོ་ཏི་ཨ་རབ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་དང་། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གཉིས་དང་གྲོས་མོལ་བྱས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།