ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཅིག་ཉིན་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས་གཏམ་བཤད་སྤེལ་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་པ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པ་དང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་འགྲོ་བ། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཚོགས་མགོ་བརྩམས་པའི་ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་སྐབས་དང་པོའི་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་མང་རིང་ལུགས་ཀྱི་མཉམ་ལས་ལ་བརྟེན་ནས་རིགས་སྣ་ཚོགས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། དེང་སྐབས་འཛམ་གླིང་ཧྲིལ་བོ་འཇིགས་སྐུལ་རིང་ལུགས་དང་འཇིགས་ཉེན་གཞན་པ་སྣ་ཚོགས་ལ་འཕྲད་ཡོད་སྟབས། ཕྱོགས་མང་རིང་ལུགས་ནི་རེ་བ་ཙམ་མ་ཡིན་པར་མེད་དུ་མི་རུང་བའི་ལས་དོན་ཞིག་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། གལ་ཏེ་ཕྱོགས་མང་རིང་ལུགས་བསྐྱུར་ན་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མང་ཚོགས་ཀྱི་སྲུང་སྐྱོབ་ཐོབ་པར་འདོད་པའི་རེ་བ་བསྐང་ཐབས་མེད་ཟེར། 

ཚེས་བཅུ་གཅིག་ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་གཞི་བཏོན་ཞིང་ཕྱོགས་མང་མཉམ་ལས་ལ་ཡར་སྐུལ་གཏོང་བར་དམིགས་པའི་ཕཱ་རེ་སིའི་ཞི་བདེ་གླེང་སྟེགས་དེ་ཕཱ་རེ་སི་ནས་ཚོགས་མགོ་བརྩམས། མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་ཐེངས་འདིའི་གླེང་སྟེགས་ལ་ཞུགས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།