ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧི་ཐེ་ཏཱ་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ་མི་བརྒྱད་ཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་འཕྲོད་བསྟེན་སྡེ་ཁག་གི་མི་སྣས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཡེ་མིན་གྱི་ནུབ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་ནས་འཁྲུག་རྩོད་དྲག་པོ་བྱས་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་རིང་ཉུང་མཐར་ཡང་ཕྱོགས་གཉིས་ཀྱི་མི་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།  

ཧི་ཐེ་ཏཱ་གྲོང་ཁྱེར་འཕྲོད་བསྟེན་སྡེ་ཁག་གི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཡེ་མིན་སྲིད་གཞུང་དམག་དཔུང་གིས་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམ་དཔུང་གི་འཐབ་འཛིང་གནམ་གྲུའི་གཞོགས་འདེགས་འོག ཧི་ཐེ་ཏཱ་གྲོང་ཁྱེར་དུ་ཡོད་པའི་ཧུའུ་སེ་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། བསྡོམས་པས་ཧུའུ་སེ་དྲག་ཆས་ཉེས་ཅན་རེ་གཅིག་བསད་ཟེར། 

ཡཱ་ཏེན་གྲོང་ཁྱེར་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པ་ལྟར་ན། འདུས་པའི་དུས་ཚོད་ཉེར་བཞིའི་རིང་། ཧི་ཐེ་ཏཱ་གྲོང་ཁྱེར་གྱི་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱེད་སྐབས། བསྡོམས་པས་སྲིད་གཞུང་གི་དམག་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།