ཐཱ་ཅི་ཁི་སི་ཐན་བྱང་ཕྱོགས་ཀྱི་བཙོན་ཁང་ཞིག་ནས་ཟིང་འཁྲུག་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐཱ་ཅི་ཁི་སི་ཐན་བྱང་ཕྱོགས་ཀྱི་སོ་ཀི་ཐི་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཁུའུ་ཀྲན་གྱི་བཙོན་ཁང་ཞིག་ཏུ་ཚེས་བརྒྱད་ཉིན་ཟིང་འཁྲུག་བྱུང་སྟེ། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག 

བསྒྲགས་པ་ལྟར་ན། ཁུའུ་ཀྲན་གྲོང་ཁྱེར་གྱི་བཙོན་ཁང་ག་གེ་མོར་བཀག་འཇུག་བྱས་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཞིག་གིས་ཉིན་དེར་བཙོན་སྲུང་ཉེན་རྟོག་པ་ཞིག་བཏུལ་ནས་དེའི་མེ་མདའ་འཕྲོག་པ་དང་། དེར་འདུས་ཀྱི་བཙོན་མ་གཞན་པ་དང་མཉམ་དུ་བཙོན་སྲུང་ཉེན་རྟོག་པ་དང་ལས་བྱེད་མི་སྣར་དཔུང་འཇུག་བྱས་ཏེ་ཐོག་ཁང་ཞིག་བཙན་བཟུང་བྱས། ཟིང་འཁྲུག་དེར་དམིགས་བསལ་ཉེན་རྟོག་དམག་དཔུང་གིས་དྲག་གནོན་བྱས་པ་རེད། 
བསྒྲགས་པ་ལྟར་ན། ཟིང་འཁྲུག་ལས་བཙོན་སྲུང་ཉེན་རྟོག་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་ང། ཉེན་རྟོག་པ་དྲུག་ལ་རྨས་ཕོག གཞན་ཡང་བཙོན་མ་ཉེར་ལྔ་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར། མིག་སྔར་སོ་ཀི་ཐི་ཀྲིག་གི་ས་ཁུལ་སོ་སོས་བདེ་སྲུང་རྣམ་པར་ཤུགས་སྣོན་བྱས་ཡོད་པ་དང་། ཁུའུ་ཀྲན་གྲོང་ཁྱེར་གྱི་གཞུང་ལམ་བཀག་སྡོམ་བྱས་ཡོད་པ་རེད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།