ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་གཞུང་བཞེས་བྱས་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ས་ཞིང་མང་བོ་གཞུང་བཞེས་བྱས་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་འཛུགས་སྐྲུན་ཐད་བཀོལ་བར་རྒོལ་གཏམ་དྲག་པོ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་ཆེད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་སྡེ་བ་ཞིག་གི་ས་ཞིང་མང་བོ་དང་ཅོར་ཏན་འགག་རོང་བྱང་ངོས་ཀྱི་ས་ཞིང་མང་བོ་གཞུང་བཞེས་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་ཡུལ་འཁྱམ་བྱེད་དགོས་བྱུང་བ་དང་ས་ཁུལ་དེ་དག་ཡིའུ་ཐེ་བའི་གནས་སུ་བསྒྱུར་ཡོད་ཟེར། 
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཐབས་ཇུས་དེ་དབྱི་སི་རལ་གྱི་འགེབས་སྲུང་དུ་གྱུར་ཡོད་པ་དང་། ཨ་མེ་མེ་རི་ཁས་ངེས་པར་དུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་འཛུགས་སྐྲུན་བྱ་འགུལ་ཇེ་མང་དུ་སོང་བར་འགན་ཁུར་དགོས་ཟེར། 
ཕཱ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།