ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་སྐྱོན་བརྗོད་བྱས་པ་དང་། གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར། 

བསྒྲགས་པ་ལྟར་ན། ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་འཇར་པན་ཏུང་ཅིན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། ཐུར་ཁེ་ཡིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། བཀག་སྡོམ་གྱིས་ཕན་འབྲས་གང་རུང་ལོན་པར་ཡིད་ཆེས་མེད་ལ། ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 
ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། བཀག་སྡོམ་ལ་བརྟེན་ནས་དབྱི་ལིང་ཁེར་རྐྱང་དུ་ཕུད་པ་ནི་བློ་གྲོས་མི་ལྡན་ཞིང་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། དབྱི་ལིང་མི་དམངས་ལ་ཆད་གཅོད་བྱེད་པ་ནི་དེ་བས་ཀྱང་འདྲ་མཉམ་མིན་ཟེར། །


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།