ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་མེ་ལུང་གི་སློབ་གྲྭ་ཞིག་ནས་མི་གྱ་གཉིས་བཙན་ཁྲིད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁཱ་མེ་ལུང་གསར་འགྱུར་པུའུ་ཀྲང་པཱ་ཁཱ་ལི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ས་ཁུལ་གྱི་སློབ་གྲྭ་ཞིག་ནས་ཚེས་བཞི་ཉིན་གྱི་དགོང་མོར་སློབ་མ་དོན་དགུ་དང་ལས་བྱེད་མི་སྣ་གསུམ་ཁ་བྲལ་རིང་ལུགས་མཁན་གྱིས་བཙན་ཁྲིད་བྱས་ཟེར། 

པཱ་ཁཱ་ལི་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁཱ་མེ་ལུང་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་བཙན་ཁྲིད་བྱས་པའི་སློབ་མ་དང་སློབ་གྲྭའི་ལས་བྱེད་མི་སྣ་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། གང་མགྱོགས་སྒོས་ཁོ་ཚོ་བདེ་འཇགས་ངང་སྐྱོབ་ངེས་ཡིན་ཟེར། པཱ་ཁཱ་ལི་ཡིས་བཙན་ཁྲིད་བྱེད་མཁན་ནི་འཇིགས་སྐུལ་ཉེས་ཅན་རེད་ཟེར། 

ཚེས་ལྔ་ཉིན་གྱི་སྔ་དྲོར། ཁཱ་མེ་ལུང་དམག་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། བཙན་ཁྲིད་དོན་རྐྱེན་དེ་ནུབ་བྱང་ས་ཁུལ་གྱི་པཱ་མིན་ཏཱ་གྲོང་ཁྱེར་དུ་ཡོད་པའི་སྒེར་བཙུགས་སློབ་འབྲིང་ཞིག་རེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།