ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཞིག་གིས་ཚེས་ལྔ་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བཞི་ཉིན་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཀྲུའུ་པཱ་ལན་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། ཉུང་མཐར་ཡང་དྲག་ཆས་མི་སྣ་དྲུག་བསད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་པུའུ་ཏིས་མུའུ་ཧན་མའོ་ཏི་ཡིས་གསར་འགོད་པར་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བསད་པ་ལས་གཞན། དྲག་ཆས་ཉེས་ཅན་མང་བོར་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད། སྲིད་གཞུང་དམག་དཔུང་གི་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

ཁོས་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།