ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་དམག་དཔུང་གི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་མིས་ཚེས་གསུམ་ཉིན་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་གི་རོགས་འདེགས་འོག་སྤེལ་བ་ཡིན་ཞིང་། བར་སྣང་འཇབ་རྒོལ་གྱི་དམིགས་འབེན་ནི་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་དུ་ཡོད། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མར་ཤི་རྨས་ཐེབས་མེད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོ་བཞིན་ཡོད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།