ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་མེན་ཡཱ་ཞིང་ཆེན་གྱི་འཇབ་རྒོལ་ལ་ཞུགས་པའི་འཇིགས་སྐུལ་ཉེས་ཅན་བཅུ་དགུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་དགུ་བསད་པ་དང་། ཁོ་ཚོ་ཚེས་གཉིས་ཉིན་ཨེ་ཅིབ་ལྷོ་ཕྱོགས་ཀྱི་མེན་ཡཱ་ཞིང་ཆེན་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་དེ་དག་ནི་མེན་ཡཱ་ཞིང་ཆེན་ནུབ་ངོས་ཀྱི་བྱེ་ཁུལ་ནས་ཨེ་ཅིབ་བདེ་འཇགས་དམག་དཔུང་དང་འཁྲུག་རྩོད་བྱེད་སྐབས་བསད་པ་ཡིན་ཟེར། 

ཟླ་འདིའི་ཚེས་གཉིས་ཉིན། ཨེ་ཅིབ་ལྷོ་ཕྱོགས་ཀྱི་སོ་ཧཱ་ཅེ་ཞིང་ཆེན་ནས་མེན་ཡཱ་ཞིང་ཆེན་གྱི་ཁི་ཕུའུ་ཐི་ཡེ་ཤུའི་ཆོས་ཁང་ཞིག་ཏུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།